故事 | 见过人学狗叫吗......

发布时间:2017-10-24 10:00:31 责编: 来源:甘孜新闻网

【导语】: 阿古顿巴是藏族民间故事中的机智人物,他的故事在藏族地区流传很广。每周四刊发的语音栏目阿古顿巴的故事又如期与大家见面了。

མངའ་བདག་ཁྱི་སྦྱོང་བ།

领主学狗

ཉིན་ཞིག་གི་མཚན་མོ། ཞིང་བྲན་ཚོ་རྩྭ་ཁང་རྙིང་པ་ཞིག་གི་ནང་ལ་མཉམ་དུ་རུབ་རུབ་བྱས་ནས། ཨ་ཁ་སྟོན་པར་མངའ་བདག་གི་ངན་སྤྱོད་དེ་རིགས་བཤད་བཞིན་ཡོད།

一天晚上,农奴们挤在一间破茅棚里,和阿古顿巴谈论着领主的种种行径。

ཁོ་ཚོས་མངའ་བདག་གིས་རྫིག་རྫིག་བྱེད་སྟངས་དང་བརྗིད་ཉམས་ཆེ་མདོག་སྟོན་པའི་རྣམ་འགྱུར་བཤད་པའི་དུས་སུ། ཨ་ཁུ་སྟོན་པས་རོགས་པ་རྣམས་ལ་འདི་ལྟར་བཤད་། བར་རྒྱུན་ཁོས་ང་ཚོའི་མདུན་དུ་འགྱིང་ཉམས་སྟོན་ལ། གྲུང་ཤ་དོད་པོ་འདྲ་ཡིན་ཀྱང་། ངས་ཁོ་ཁྱིའི་ཀུ་ཅོ་སྦྱོང་བཅུག་ཐུབ། ཁྱོད་ཚོ་ཡིད་ཆེས་ཨི་ཡོད། ཅེས་དྲིས།

当他们谈到领主那种耀武扬威和道貌岸然的神气时,阿古顿巴对他的伙伴们说:“别看他经常在咱们面前耍威凤,怪神气的,我能叫他学狗叫。你们相信不相信?”

རོགས་པ་ཚང་མས། འདི་འགྲུབ་ཐུབ་རྒྱུ་མ་རེད། ང་ཚོའི་མངའ་བདག་འདི་ཉིད་ཁེངས་ཉམས་འཛིན་པ་དང་། འདྲ་ཆགས་པོའི་མི་སྣ་གྲགས་ཅན་ཞིག་ཡིན་པ་སུས་མི་ཤེས། ཞེས་བཤད།

大家都说:“这恐怕不可能吧!谁不知道咱们的领主是个摆架子、讲体面的‘大人物’!”

འདི་འདྲ་ཟེར་ན། ཁྱོད་ཚོར་ཡིད་ཆེས་མེད་པ་ཡིན་ནོ།།

“这么说,你们是不相信啰?”

ཡིད་ཆེས་མེད།

“不相信。”

ཡ་ཡ། ང་ཚོས་རྒྱན་ཞིག་འཛུགས། ཞེས་ཨ་ཁུ་སྟོན་པའི་རྐང་ཚུགས་ཀྱིས་ཁོ་ཚོར་འགྲན་སློང་། དེ་འདྲ་བྱེད་དུས་ཁོའི་རོགས་པ་རྣམས་ཅི་བྱེད་འདི་བྱེད་འདྲ་མེད་པ་འགྱུར་རོ།

“那么,咱们打个赌吧!”阿古顿巴故意向他们挑起战来,倒弄得他的伙伴们不知如何对答才好。

ཉིན་གཉིས་པའི་ཉིན་གཞུང་ལ། མངའ་བདག་གིས་ཁྱིམ་དུ་ཟས་ཟ་བཞིན་ཡོད། ཨ་ཁུ་སྟོན་པ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་དཔོན་པོའི་གསོལ་ཤག་ནང་དུ་རྒྱུག་ནས་ཡོང་། དབུགས་སྔ་བཞུག་མཐུད་དཀའ་བའི་ངང་མངའ་བདག་ལ། མངའ་བདག་ལགས། ང་། ང་། ཞེས་བཤད་མ་ཐུབ།

第二天中午,领主家正在吃午饭,阿古顿巴急急忙忙地从外面闯进主人的餐室,上气不接下气地对领主说道:“主人……我……我……”

མངའ་བདག་གིས་ཨ་ཁུ་སྟོན་པ་འདི་ལྟར་གུས་ཞབས་མེད་པ་འཛུལ་ཡོང་བར་སྔོན་ནས་སེམས་པ་མི་སྤྲོ་བ། ཡང་ཁོ་ཡུན་རིང་ཁ་དིག་ལྕེ་རེངས་བྱས་ནས་བཤད་རྒྱུ་མ་ལེན་པ་མཐོང་དུས། རང་བྱུང་གིས་ཁོང་ཁྲོ་ཆེན་པོ་ལངས།

领主对于他这样是无礼貌地随便乱闯,本来就有些不高兴了,再看他结结巴巴地说了半天也说不明白,自然格外生气了。

ཁྱོད། ཁྱོད་ག་རུ་རེད་སོང་།

“你,你怎么啦?”

ང་། ང་། ཞེས་ཨ་ཁུ་སྟོན་པའི་བཤད་རྒྱུ་མ་ལེན།

“我……我……”

མངའ་བདག་གིས་ཅི་ཡིན་འདི་ཡིན་ཟེར་རྒྱུ་མེད་པ་མཐོང་དུས། ཨ་ཁུ་སྟོན་པའི་ཁོ་ལ་རྩེད་མོ་བྱས་བྱུང་བསམ་སྟེ། མྱུར་དུ་སྒོ་ཕྱིའི་གཡོག་པོ་རྣམས་ལ། མགྱོགས་པ་མྱི་ཤོག། ཁོ་ཚུར་བཟུང་དང་། ཞེས་འབོད། གཡོག་པོ་རྣམས་ཀྱིས་དཔོན་པོའི་འབོད་པ་ཐོས་རྗེས། དོན་དག་ཅི་འདྲ་ཚབས་ཆེན་ཞིག་བྱུང་བ་ཡིན་དྲན་ནས། མགྱོགས་མྱུར་གྱིས་ནང་དུ་རྒྱུག ཨ་ཁུ་སྟོན་པ་དེ་གར་བསྡད་དེ། སྐད་ཆ་གཅིག་ཀྱང་མ་བཤད། ཅུང་ཙམ་འགོར་རྗེས། ཨ་ཁུ་སྟོན་པས་ཁོའི་རོགས་པ་རྣམས་ཚང་མ་ནང་དུ་འཛུལ་བ་མཐོང་རྗེས། ཁ་ལྐུགས་པའི་ནད་དྲག་སྟེ། དུས་འདིར། ཁོས་ཁ་ཅག་དག་པོ། སྐད་ཆ་གསལ་བོའི་མངའ་བདག་ལ། ངས་ད་ལྟར་ཁྲོམ་དུ་མི་ཞིག་གིས་ཁྱི་ཞིག་འཁྲིན་ནས་ཚོང་བཞིན་ཡོད་པ་མཐོང་བྱུང་། ཧ་ཅང་རྩ་ཆེན་གྱི་ཁྱི་ཞིག་རེད་འདུག ཞེས་བཤད། མངའ་བདག་ནི་ཁྱི་ལ་དགའ་བའི་མི་ཞིག་ཡིན། དེ་མ་ཚད་ཁོས་འདི་ནི་མི་རྣ་གྲགས་ཅན་ཁོ་ཚོ་འདྲའི་ཁྱད་ཆོས་ལྡན་པའི་མཆོག་གྱུར་གྱི་འདོད་ཞེན་ཡིན་པ་སྙམ། དེ་བས། ཁྱི་ཚོང་བཞིན་ཡོད་པ་ཟེར་བ་ཐོས་རྗེས། མྱུར་དུ་ཁོང་ཁྲོ་མེད་པར་འགྱུར་ནས། སྤྲོ་བའི་ངང་། ཁྱི་བཙོང་མཁན་དེ་གང་ན་ཡོད་ཅེས་སྙེག་འདྲི་བྱས།

领主见他还是说不出个所以然来.认为他是有意跟自己开玩笑,立即向室外的奴仆们喊了一声:“来人哪!把他给我绑起来!”奴仆们一听主人呼唤,还以为是发生了什么了不得的事情呢,就慌忙跑了进来。阿古顿巴却呆在那里,一声不吭。等了一会儿,阿古顿巴看见自己的伙伴们都已进来,“口吃病”也随之痊愈了。这时,他爽爽快快、清清楚楚地对领主道:“我刚才在街上着见有个人牵着一只狗在卖,是一只非常名贵的狗呢!”主人素来喜爱养狗,井且认为过是他们这种上等人家独特的高尚的嗜好,所以,听说有人要卖狗,马上怒气全消,喜悦地追问:“那个卖狗的人呢?”

ཨ་ཁུ་སྟོན་པའི་ལན་རྒྱག་ཏེ། ད་དུང་ཁྲོམ་ན་ཡོད། ངས་མངའ་བདག་རྩ་ཆེན་གྱི་ཁྱིར་དགའ་བ་ཤེས། དེ་བས། མྱུར་དུ་ཁྱོད་རང་ལ་ཞུ་ཡོང་བ་ཡིན།

阿古顿巴答道:“还在街上。我知道主人您最爱养名贵的狗,所以,赶快回来向您禀告……”

དངོས་གནས་ཁྱི་རྩ་ཆེན་ཞིག་ཨེ་ཡིན།

“当真是只名贵的狗吗?”

དཔོན་པོ་ལགས་བརྟན་ནས་ནོར་མི་སྲིད། དངོས་གནས་ཁྱི་རྩ་ཆེན་ཞིག་ཡིན།

“主人,一点不假,确确实实是只名贵的狗。”

ཁྱོད་ཀྱིས་ཁྱི་རྩ་ཆེན་ཨེ་ཡིན་མི་ཡིན་ཅི་འདྲ་ཤེས།

“你怎么知道那是只名贵的狗呢?”

ཨ་ཁུ་སྟོན་པས་ལན་རྒྱག་སྟེ། ངས་ཁོའི་སྐད་སྒྲ་ཐོས་བྱུང་།

阿古顿巴答道:“我听见它的叫声了。”

སྐད་སྒྲ་ཅི་འདྲ་ཞིག་ཡིན།

“怎么个叫法?”

ཨ་ཁུ་སྟོན་པས་རྐང་ཚུགས་ཀྱིས་འདྲ་ལ་མི་འདྲ་བས། ཨོ། ཨོ། ཨོ་ཞེས་སྐད་སྒྲ་སྦྱང་།

阿古顿巴故意似像似不像地学着:“喔,喔,喔……”

དཔོན་པོའི་ཐོས་མ་ཐག་ཏུ། ངོ་མདོག་མྱུར་དུ་འགྱུར་ནས། ཡིད་ཆད་ཀྱིས། འདི་རྩ་ཆེན་གྱི་ཁྱི་ག་ན་ཡིན། ཞེས་བཤད་མ་ཐག་ཏུ་ཡང་། རྩ་ཆེན་གྱི་ཁྱི་ཡིན་ན། ཁོའི་སྐད་སྒྲ་འདི་ལྟ་ཡིན་དགོས། ཝའོ། ཝའོ། ཝའོ་ཞེས་སྦྱང་། སྐབས་འདིར། ཨ་ཁུ་སྟོན་པས་རོགས་པ་རྣམས་ལ་གོ་རྒྱུ་ཆེན་པོ་ཡོད་པའི་མིག་བརྡ་ཞིག་གཏོང་སྟེ། ཨོ། རྩ་ཆེན་གྱིས་ཁྱིའི་སྐད་སྒྲ་འདི་འདྲ་རེད་དམ་ཞེས་བཤད། སྐད་ཆ་འདི་བཤད་མ་ཐག་ཏུ། དེ་གར་ཡོད་པའི་མི་རྣམས་མྱུར་དུ་དགོད་སྒྲ་ལྷང་ལྷང་གྲགས།

主人一听,脸色顿时阴沉下来,失望地说道:“哎,这哪是什么名贵的狗!”接着又说,“名贵的狗,它的叫声应该是这样:汪,汪,汪……”这时,阿古顿巴向他的伙伴们瞟了一眼,随即意味深长地说:“哦!名贵的狗原来是这样叫的啊!”这句话,惹得在场的人们情不自禁地发出一阵哄笑声……

版权免责申明

甘孜新闻网非原创转载文章所含部分文字、图片、音视频来自互联网,仅为传递更多信息之目的,文章所含文字、图片、音视频版权归原作者或媒体所有。如若侵犯了你的权益,请及时与我们联系,我们将及时完善著权信息或删除处理。

相关资讯推荐

中共甘孜藏族自治州委对外宣传领导小组办公室 蜀ICP备16010372号

技术支持:爱知世元(北京)网络股份有限公司